
Appreciation Letter from H.H. Drikung Kyabgon Chetsang
༄༅། །དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་དང་། དཔལ་རྒྱལ་བ་ཀརྨ་པ་མཐའ་ཡས་རྡོ་རྗེ་ལྷན་རྒྱས་ནས། སྤྱི་ལོ་༢༠༢༣ ལོའི་སྤྱི་ཟླ་ ༡༢ ཚེས་ ༤ ཉིན་བསྩལ་བའི་”༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་དང་འབྲེལ་བའི་ཐུན་མོང་གསལ་བསྒྲགས་”ཞེས་པ་དོན་ཚན་གསུམ་ཅན་ཁྱབ་སྒྲགས་གནང་བ་དེ་ནི། དཔལ་ཀརྨ་པའི་བསྟན་པར་ཉི་མ་གསར་པ་ཞིག་འཆར་བ་མ་ཟད། འཛམ་གླིང་ཡོངས་ལ་གནས་པའི་ཀརྨ་པའི་ཆོས་བརྒྱུད་འཛིན་མཁན་ཙམ་དུ་མ་ཚད་བཀའ་བརྒྱུད་ཡོངས་ཀྱི་བཀྲིས་པའི་གཏམ་བཟང་ཞིག་ཀྱང་ཡིན། ཞྭ་དམར་སྐུ་ཐོག་རིམ་བྱོན་དང་། དེ་ལས་བྱུང་བའི་ཆོས་བརྒྱུད་རིན་པོ་ཆེའི་བརྒྱུད་པ་ནི་བཀའ་བརྒྱུད་སྤྱི་དང་། བྱེ་བྲག་ཀརྨ་བཀའ་བརྒྱུད་ཀྱི་གསེར་ཕྲེང་ནང་དུ་བཞུགས་ཡོད་པ་དང་། འབྲལ་ཐབས་མེད་པའི་ཆོས་ཀྱི་བརྒྱུད་པ་ནི་ཆོས་འབྱུང་ལོ་རྒྱུས་དག་གི་དཔང་པོ་བྱས་ཡོད། བོད་ཀྱི་སྲིད་དོན་ལོ་རྒྱུས་ཀྱིས་རྐྱེན་པས་ཞྭ་དམར་སྐུ་ཕྲེང་བཅུ་པ་ཆོས་གྲུབ་རྒྱ་མཚོ་སྐུ་གཤེགས་ནས་ཟུང་ལོ་ངོ་བརྒྱ་དང་བདུན་བཅུ་ཙམ་གྱི་རིང་ལ་གང་གི་ཡང་སྲིད་ངོས་འཛིན་དང་ཁྲི་གསོལ་ཞུ་ཆོག་པ་བྱུང་བ་དེ་ལྟར་ཡང་། ༧རྒྱལ་མཆོག་ཀརྨ་པ་བཅུ་དྲུག་པ་ཆེན་པོ་རྒྱ་གར་དུ་ཕེབས་ནས་༧གོང་ས་སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་པ་ཆེན་པོར་སྙན་སེང་དང་འབྲེལ་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཞུ་འཐུས་ཆོག་པའི་བཀའ་བཟང་ཐོབ་པར། ༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་ངོས་འཛིན་བཀའ་དྲིན་ཆེ་བར་བསྐྱངས་པར་མཛད། དེ་ལྟར་ཡང་སྙིགས་མའི་སེམས་ཅན་བསོད་ནམས་ཀྱིས་དམན་པས་སྐུ་ཚེ་རིང་པོ་མ་བཞུགས་ཀྱང་། བྱང་ཆུབ་སེམས་ཀྱི་རྒྱུན་ནི་ཆད་ཐབས་མེད་པར་བརྟེན། ད་ཆ་སྐུའི་ཡང་སྲིད་ཕེབས་རྒྱུར་དཔལ་ཀརྨ་པ་ལྷན་རྒྱས་བཟུང་ནས་ཐུགས་འཁུར་བཞེས་རྒྱུའི་བཀའ་རྒྱ་བསྩལ་བ་ནི་དུས་སུ་བབས་པ་ཞིག་ཡིན། བཀའ་རྒྱའི་ནང་གསལ་”ཕྱིན་ཆད་བརྒྱུད་པ་རིན་པོ་ཆེ་འདི་ཉིད་དུམ་བུ་གཉིས་སུ་མི་འཐོར་བ་དང་། ༧རྒྱལ་བ་ཡབ་སྲས་གཙོ་བོར་གྱུར་པའི་བླ་སྤྲུལ་གྱི་ཡང་སྲིད་མི་མཐུན་པའི་རྩོད་པ་ནམ་ཡང་མི་འབྱུང་བའི་སྒོ་ནས་སྒྲུབ་བརྒྱུད་ཀཾ་ཚང་བ་ཐམས་ཅད་དམ་ཚིག་འོ་ཆུ་གཅིག་ཏུ་འདྲེས་ཤིང་། མཐུན་ལམ་དཀར་འཇམ་ཡུག་གཅིག་ཏུ་འགྱུར་བ་ཞིག་ཤིན་ཏུ་གལ་ཆེ་བར་མངོན་”ཞེས་བྱུང་བ་བཞིན་ཆོས་བྱེད་པ་ཡིན་ཕྱིན་དེ་ནི་ངེས་པར་དུ་སྒྲུབ་ཐུབ་པ་ཞིག་ཡིན་ལ། དེ་དེ་བཞིན་གྲུབ་པའི་སྨོན་འདུན་གྱི་མཚམས་སྦྱར་ཏེ། ༧རྒྱལ་བ་འབྲི་གུང་པའི་མཚན་གྱིས་བྱི་གྱི་བརླབས་པ་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷིན་གྲུབ་ཀྱིས། སྤྱི་ལོ ༢༠༢༣ ཟླ་༡༢ ཚེས་
Zim-Chung Kawang, 2023
༄༅། །སྤྱི་ལོ་ ༡༩༧༨ ནས་བཟུང་བོད་ཕྱི་ནང་བར་གསུམ་དུ་འབྲི་གུང་བཀའ་བརྒྱུད་ཀྱི་དགོན་སྡེ་རྣམས་ཉམས་པ་བསྐྱར་གསོ་བྱེད་འགོ་ཚུགས་ཤིང་། གཙོ་བོ་ཕྱིའི་ཡར་རྒྱས་ཐོག་ཤུགས་སྣོན་གང་ཐུབ་བྱས། དེ་རྣམས་ལེགས་པར་གྲུབ་རྗེས་རིམ་བཞིན་ནང་གི་ཤེས་ཡོན་ལ་ཤུགས་སྣོན་རྒྱབ་སྟེ་བཤད་སྒྲུབ་གཉིས་པོར་གཙོ་གཉེར་བྱས་ཤིང་། དེ་དང་ཕྱོགས་མཚུངས་དགོན་པའི་མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམས་མི་ཉམས་གོང་འཕེལ་བརྒྱུད་འཛིན་བྱེད་རྒྱུར་འབད་རྩོལ་བྱས་དང་བྱེད་བཞིན་པར་གནས། དེང་བར་འབྲི་གུང་བཀའ་བརྒྱུད་ཀྱི་དབང་ལུང་ཁྲིད་མན་ངག་ཡོད་ཚད་ཕྱོགས་བསྒྲིགས་ཁྱོན་པོད ༡༣༥ བཞུགས་ཡོད་པ་ལས། བཀའ་རྒྱ་དམ་བསྒྲགས་ཅན་གྱི་ཆོས་སྐོར་ལ་”གཟིམ་ཆུང་བཀའ་དབང་”ཞེས་གྲགས་པ་སྔོན་དུས་སུ་གཙོ་བོ་བླ་སྤྲུལ་རྣམ་པར་གནང་སྲོལ་དེ་ལྟར་ཡང་། དེང་༸རྒྱལ་བ་འབྲི་གུང་པའི་ཆོས་བརྒྱུད་འདི་ཉིད་འཛམ་གླིང་ཕྱོགས་མཐར་ཁྱབ་ཡོད་པའི་ཐོག བཤད་སྒྲུབ་ལས་གསུམ་གྱི་བསྟན་པའི་བྱེད་པོའང་མི་ཉུང་ཞིག་ཐོན་ཡོད་པར་བརྟེན། ཐེངས་འདིར་གཟིམ་ཆུང་བཀའ་དབང་ལ་བཅར་མི་རྒྱ་བལ་གཙོ་བོར་གྱུར་པའི་འཛམ་གླིང་ས་གནས་ཁག་ནས་ཕེབས་པའི་བླ་སྤྲུལ་དང་། མཁན་པོ། མཁན་མོ། སྒྲུབ་དཔོན། སློབ་དཔོན་དང་། རྡོ་རྗེ་སློབ་དཔོན། སྒྲུབ་གྲྭ་བ་ཁག་ཅིག་དང་། དགོན་པའི་ལས་སྣེ་དབུ་ཆོས་སོགས་ཁྱོན་ཞལ་གྲངས་༢༦༢ ཙམ་ཕེབས་ཡོད་པ་རེད། Since 1978, Drikung Kagyu monasteries, both inside and
Grand opening ceremony of peace stupa at Austra
It is with great joy and a profound sense of accomplishment that we gathered here to celebrate the successful Opening Ceremony of the Peace Stupa in the beautiful city of
12th Phase Of Go Green Go Organic at Bodhkharbu
Today on 20 June, the 12th phase mega plantation drive was conducted for the first time in Kargil District at Bodhkharbu, in the noble presence of His Holiness Drikung Kyabgon
11th phase Go Green Go Organic at Chushul, Leh Ladakh
Today on 5 June the ‘World Environment Day’ the mega plantation drive was conducted on the Black Plain of Chushul in the noble presence of His Holiness Drikung Kyabgon Thinley
His Holiness arrives in Lalok Changthang
His Holiness the Drikung Kyabgon Chetsang Thinley Lhundup was welcomed to Lalok-Changthang, the land of the snows, on 20 May 2022 with a traditional grand reception headed by the Vajra
Annual Meeting, 2022
On 1st May 2022, at the humble request of the Kagyu College, His Holiness the Drikung Kyabgon Chetsang Thinley Lhundup has kindly presided the annual meeting in which the respected
His Holiness Arrives in Dehradun
Today, His Holiness the Drikung Kyabgon Chetsang Thinley Lhundup safely arrived Dehradun on 17th April, 2022. His Holiness was formally received at the airport road by the dignitaries, including Khenchen
His Holiness, shares message on International Women’s Day.
(His Holiness and the Chief Mayan Priestess of Chichicastenango, Guatemala.) When we do not let women have fair and equal access to opportunities, to realizing their dreams and actualizing their